~~~~~~ ཕ་ཡུལ་འདི་ང་ཚོ་ཚང་མའི་རེད། ~~~~~ ལྷ་བཟང་ཚེ་རིང་ནས། (Lhasang tsering)

ལ་མཐོ་པོའི་རྩེ་ལ།།   ལྷ་བསངས་ཅིག་བཏང་ནས།།
དར་ཅོག་ཅིག་བསླངས་ནས།།   ལྷ་རྒྱས་གཅིག་མཐེན་པས།།
ལྷ་ཆོས་སྐྱོང་སྲུང་མས།།   འདི་ང་ལ་གསུངས་བྱུང།།
ཕ་ཡུལ་འདི་ང་ཚོ་ཚང་མའི་རེད།།

བོད་འདི་ཁྱོད་ཀྱི་རེད།།   བོད་འདི་ངེད་ཀྱི་རེད།།
ཤར་དར་རྩེ་མདོ་ནས།།   སྟོད་མངའ་རི་འཁོར་གསུམ།།
བྱང་མཚོ་སྔོན་པོ་ནས།།   ལྷོ་ཀོང་པོའི་ཤིང་ནགས།།
ཕ་ཡུལ་འདི་ང་ཚོ་ཚང་མའི་རེད།།

རྟ་རླུང་ཤོག་རགས་པ།།   བྱང་ཐང་ལ་བཞོན་དུས།།
རླུང་བསིལ་པའི་མཉམ་དུ།།   བསངས་ཁན་པའི་དྲི་མ།།
གནམ་སྔོན་པོའི་ནང་ནས།།   བྱ་བྱེའས་བཤད་བྱུང།།
ཕ་ཡུལ་འདི་ང་ཚོ་ཚང་མའི་རེད།།

ལོ་མང་པོའི་རྗེས་ལ་།།   ང་ནང་ལ་འགྲོ་དུས།།
གསེར་སྟོན་ཁའི་འབྲུ་ཞིང།།   ཞིང་པ་ཚོས་བརྔ་དུས།།
གཞས་སྙན་པོ་བཏང་བྱུང།།    གཏམ་ཉན་པོ་བཤད་བྱུང།།
ཕ་ཡུལ་འདི་ང་ཚོ་ཚང་མའི་རེད།།

ཡུལ་མང་པོ་སྐོར་ནས།།   ལྷ་ས་ལ་སླེབ་བྱུང།།
ཆང་ཁང་ལ་ཕྱིན་ནས།།   གྲོགས་པོ་ཚོ་མཇལ་སོང།།
ཆང་ཞིམ་པོ་བཏུང་ནས།།   གླུ་གཞས་ཅིག་ལེན་བྱུང།།
ཕ་ཡུལ་འདི་ང་ཚོ་ཚང་མའི་རེད།།

Lhasang Tsering is Poet/writer-activist,  born in Tibet and brought into exile at a young age. In 1972, giving up an opportunity to study medicine in the US, he joined the armed Tibetan resistance force, who were then operating from Mustang, Nepal. He was later President of Tibetan Youth Congress and a founding director of Amnye Machen Institute. Lhasang, an outspoken and ardent advocate for Tibetan independence and a passionate lover of literature.

ལྷ་བཟང་ཚེ་རིང། Lhasang tsering

Leave a Reply

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out / Change )

Twitter picture

You are commenting using your Twitter account. Log Out / Change )

Facebook photo

You are commenting using your Facebook account. Log Out / Change )

Google+ photo

You are commenting using your Google+ account. Log Out / Change )

Connecting to %s